གླེང་བརྗོད་འགོ་རྩོམ།

By: Karma Tshering Sherpa, Assistant Professor, SHEDA

རྒྱ་གར་གྱི་མངའ་སྡེ་སྦས་ཡུལ་འབྲས་མོ་ལྗོངས་ནང་བཞུགས་ནེ་འོད་དུབ་བདག་པའི་ཤར་པའི་གནའ་རབས་འཇིག་རྟེན་ཡ་རབས་གོང་མའི་་གཉེན་གྱི་ལུགས་སྲོལ་མ་ཉམས་པར་འོད་དུ། སྔོན་ཡིག་ཐོག་ཏུ་མེད་པ་ཡིག་ཐོག་ལ་ཕབས་ནས་བཞག་ཟིན་བློ་གསར་འདི་བ་ཕན་ཐོག་གི་རེ་བ་སྦོམ་པོ་འཇོག་གིན།་ རང་གིས་སྐད་ཐོག་ལ་ཕ་མ་གོང་མའིཞལ་རྒྱུན་དང་བླ་མ་ཤར་པ་བསྟན་འཛིན་གྱིས་མཛད་པའི་ཤར་པའི་ཆོས་འབྱུང་མེས་རབས་ལ་ཁུངས་བཅོལ་ནས་གཉེན་གྱི་ལུགས་སྲོལ་བཟང་པོ་འདིས། དུས་ཀྱི་ཐ་མ་བསྐལ་པ་མ་འཇིགས་བར་གནས་བུའི་ཀུན་སློང་གིས་བྲིས་བུའི་དེབ་འདིའི་ནང་བརྗོད་བྱ་དང་ཚིག་ཆད་ལྷག་གང་མ་ཚང་བ་ལ་ལྷག་པའི་ལྷ་དམ་ཅན་ཆོས་སྐྱོངས་དང་མཁན་པའི་བདག་པོའི་འདི་བིས་དགོངས་དབྱིངས་མི་ཁྲེལ་ཞིང་ཐུགས་བརྩེ་བས་མི་ཉམས་གོང་འཕེལ་དོན་ལ་རིན་ཐང་ དང་བྲལ་བའི་བཀའ་སློབ་འདིས་པ་གང་ཅིའི་ཐོག་རོགས་རམ་འོང་བའི་རེ་བ་འཇོག་གིན་དེབ་འདི་ལྷོ་འབྲས་ལྗོངས་འབར་ཉག་པ་ཤར་པ་ཀརྨ་ཚེ་རིང་མིང་པས་བྲིས་པ་དགེའོ།

དཀར་ཆག

༡   སྲིད་པ་ཧོ། 

༢  འཆང་ཟེ་གྱ་བུའི་ངེས་ཚིག 

༣  འདེམས་ཆང་། 

༤ དཔེ་ཆང་། 

༥ གདན་ཆང་། 

༦ འཁོར་ལོ་བླ་མ། 

༧ སྲིད་པ་འཁོར་ལོ། 

༨ བསིལ་བ། 

༩ མག་པའི་ཆས་ལུགས། 

༡༠ མནའ་མའི་ཕྱོགས་ནས་བསུས་འདྲེན། 

༡༡ མདའ་དར་ཕྱེ་མར་བཤད་པ། 

༡༢ ཆུ་ལ་བཤད་པ། 

༡༣ ཤིང་ལ་བཤད་པ། 

༡༤ སྒྲོ་ལ་བཤད་པ། 

༡༥    དམའ་མ་དམག་པ་ལ་བཀའ་སློབ།  བྷག་དྷར།  

༡༦ བུ་ལ་དར་འབུལ་བཤད་པ། 

༡༧ མནའ་མ་ལ་དར་འབུལ་བཤད་པ། 

༡༨ ཕ་མར་དར་འབུལ་བཤད་པ།

ཤར་པའི་གནའ་རབས་ཀྱི་གཉེན་གྱི་ལུགས་སྲོལ། 

སྲིད་པ་ཧོའི་ཕྱག་རྒྱའི་བཤད་པ། 

ཧོཿ ལོ་རྒྱལ་པོ། ཟླ་བ་བློན་པོ། ཞག་པོ་དམག་མི། དུས་ཚོད་མཚོན་ཆ། སྲིད་པ་གསུམ་གྱི་ཡབ་ཡུམ་རྣམ་པ།  གཡས་དྭགས་རི་དཀར་པོ་སྐྱེས་པ་པོའི་བླ་རི།གཡོན་སྲིབ་རི་ནག་པོ་ཟ་མ་མོའི་བླ་རི། མཚམས་སུ་བུ་ཚ་ནོར་གྱི་བླ་རིའི་གཙོས་པའི་ཡུལ་འདིར་གནས་པའི་ཀླུ་གཉན་ས་བདག་སྲིན་པོ། །ཤར་ཕྱོགས་འབྱུང་བ་ཤིང་གི་ལྷ། །ལྷོ་ཕྱོགས་འབྱུང་བ་མེ་ཡི་ལྷ། །ནུབ་ཕྱོགས་འབྱུང་བ་ལྕགས་ཀྱི་ལྷ། །བྱང་ཕྱོགས་འབྱུང་བ་ཆུ་ཡི་ལྷ། །མཚམས་བཞི་འབྱུང་བ་ས་ཡི་ལྷ། །ཤར་གྱི་སྟག་སྐྱ་བོ། །ལྷོ་ཡི་འབྲུག་སྔོན་པོ། །ནུབ་ཀྱི་བྱ་དམར་པོ། བྱང་གི་རུས་སྦལ་ནག་པོ། དབུས་ཀྱི་སྤྲེའུ་སེར་པོ། མཚམས་བཞིར་གཡོག་གི་ལྷ། །ཐེ་སེ་རྒྱལ་པོ་ལ་སོགས་ཏེ་ལོའི་ས་བདག་ འབྲུག་ལྷ་གྭ་པ་ལ་སོགས་ཏེ་ལོ་རྒན་དྲུག་ཅུའི་ལྷ། མེ་ཕོ་སྟག་ལ་སོགས་ཏེ་ཟླ་བའི་ལྷ། ས་ཕོ་འབྲུག་ལ་སོགས་ཏེ་ལོ་རྒན་དྲུག་ཅུའི་ལྷ། ལྕགས་མོ་ཡོས་ལ་སོགས་ཏེ་དུས་ཀྱི་ས་བདག །ནམ་ཟླ་དུས་བཞིའི་ས་བདག སྤར་ཁ་བརྒྱད་ཀྱི་ལྷ། གཟའ་སྐར་འཕྲོད་སྦྱོར་དུས་འབྱུང་བའི་ལྷ་ཕྱེད་གཉིས་དང་། གཟེར་གཉིས་སུ་རྒྱུ་བའིལྷ། གཉུག་མར་གནས་པའི་ལྷ་ལ་སོགས་ཡུལ་དུས་ལ་དབང་བྱེད་པའི་ས་བདག་ལྷ་ཀླུ་འཁོར་དང་བཅས་པ་ཐམས་ཅད་རང་རང་གི་ཡུལ་དང་མཐུན་པའི་གཏོར་མ་རྒྱན་ལྡན་གཡས་སུ་སྦྱར་བ་གསེར་སྐྱེམས་ཀྱིས་བརྒྱན་པའི་ཕུད་ཀྱི་མཆོད་པ་དམ་པ་འདི་གསོལ་ཞིང་མཆོད་དོ། སོ་སོའི་རྒྱུད་ཚིམས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་ཆེ་བ་ལ་མ་སྐྱོན། ཆུང་བ་ལ་མ་འཁང་། རུ་ང་དང་ཕྲག་དོགས་མ་མཛད་ཅིག བདག་ནི་ས་དང་ཡུལ་དུས་ལ་དབང་མི་བྱེད་དོ། ས་དང་ཡུལ་དུས་ཀྱི་བདག་པོ་ཁྱེད་རྣམས་ལ་བརྟེན་ནས་ལས་དང་བྱ་བ་བྱེད་ཡིན་པས་སྡོང་གྲོགས་དང་དཔུང་གཉེན་མཛོད་ཅིག ཅེསྭ་པའང་ཛྙྰ་ནས་སོ། 

འཆང་བཟའ་ཟི་རུ་ངེས་ཚིག་ནི། 

གཏན་གྲོགས་ཀྱི་ཆེད་ལ་ཕོ་མོ་གཅིག་གིས་གཅིག་ལ་འཆང་ཞིང་བཟའ་མི་གྱིད་རུ་ལ་ འཆང་བཟའ་ཟེར་རུ་ཡིན། 

བུ་མོ་མནའ་མར་སློང་སྟངས། 

དང་པོ་གནའ་བཟང་གི་དུས་འགོ་ཐོག་མ་ལ་བུའི་ཕ་མའི་ཐག་ཉེ་བུའི་གཉེན་ཚན་མ་བློ་དཀར་ཡང་ན་སེམས་བཟང་པོ་གང་རུང་གོ་ཆོད་པ་གཏམ་སྙན་ལད་མོ་བཤད་ཐུབ་མཁན་གསུམ་བཞི་ཕེབས་ནས་ཡུལ་གེ་ནེ་ཡིན་སི་རང་མནའ་མ་ལེན་ཐུབ་བུའི་ཚང་འགའ་བུ་མོ་རྩད་གཅོད་ནས་སེམས་དང་ཤི་ཀ་ལོ་རྟགས་འདི་ཞིབ་པར་དཔྱད་ནས། ཚུར་ལོག་ནེ་ཕེབས་སེ་མ་བུའི་ཕ་མ་ལ་བུ་མོའི་སྐོར་ཞིབ་པར་བཤད་གྲོས་གླེང་ལད་མོ་འགྱ་ནི།  ལྷ་བླ་མའི་ལུང་བསྟན་ཐུགས་དམ་ཞུ་དགོས་པ་དང་། རྩིས་ཀྱི་གོང་མཐུན་སྦྱོར་གཞུང་བཞིན་བརྩིས་པའི་འབྲས་བུ་གཏན་ལ་ཕབས་བུའི་ཤོག་དྲིལ་ལ་ལྷས་ནི་གོ་བསྡུར་བརྟགས་ཞིབ་ཐོབ་བཟང་ན། ཕ་མ་དང་ཉེ་སྤུན་ཉེ་འབྲེལ་གྱིས་ཐག་གཅོད་དགོས་བུ་ལུགས་སྲོལ་འོད་དུ་ཡིན།   རྩིས་ནས་མཐུན་ལམ་བཟང་པོ་བྱུང་གུ་བུ་མོ་དེའི་ཕ་མའི་ནང་། གདངས་གདོང་ལ་ཕེབས་བུའི་མི་ཡང་ན་བར་མིས་རྟེན་འབྲེལ་བཟང་པོའི་ཁ་བཏགས་ཨ་ཤེ་ཨ་རག་འདི་བ་ཁུར་ནས་ཕ་མའི་མདུན་ལ་བཞག་ནེ་བུའི་མདུན་ཐབས་སུ་ལྷ་བླ་མའི་ལུང་དང་། ་བག་རྩིས་སོགས་མཐུན་པར་བཟང་པོ་ཕབས་སྐོར་བཤད་དེ་བུ་མོ་སློང་གུའི་གླེང་སློང་དགོས་དང་པོ་འདི་ལ།   

དང་པོ་དྲི་ཆང་། 

ཀྱེ་ལགས་། ཕ་མ་གཉིས་ལགས་བུ་མོ་མིང་་་་་་་་་་་་་་་་་འདི་འཇོག་སྐྱོན་གང་མེད་དུ་ལ་ཡོན་ཏན་ཅན་ཞིག་འོད་དུ་གོ་སུང་། ངེད་རེ་བུ་མིང་་་་་་་་་་་་འདི་འདྲ་ལོ་གཞོན་དབང་པོ་ལ་སྐྱོན་མེད་དུབ་སྟོབས་ཤུགས་ལྡན་པ་འོད་དུབ་འདི་གཉིས་འཆང་བཟའ་རྒྱབ་ན་མི་སྒྲིག་གམ་ཞེས་དྲི་ཆང་བཟང་དང་བཅས་དྲི་དགོས་བུ་ལ་དྲི་ཆང་ཟེར་རུ་ཡིན། 

གཉིས་པ་འདེམས་ཆང་། 

དེ་སུར་བུ་མའོ་ཕ་མའི་ཕྱོགས་ནས་སུ་བུ་མོ་སྟེར་མི་སྟེར་གྱི་ལན་རགས་ཙམ་དགོས་པོ་ཡིན། གལ་སྲིད་བུ་མོ་སྟེར་བའི་བརྡ་ལན་བྱུང་ན་མག་པས་ཕ་མས་ཕྱེ་མར་ཙོག་པུ་གཅིག་དང་ཁ་བཏགས་གཅིག་དང་ཅང་དང་ཨ་རག་བཟང་པོ་ཁུར་ནེ་རང་གི་བུའི་ངོ་སྟོན་པ་དང་མནའ་མ་གདམ་པའི་དོན་ལ་མནའ་མའི་ཁང་པ་བཅར་ནེ་ཁུར་རུའི་སྐྱེས་ཀ་འདེམས་ཆང་ཟེར་རུ་ཡིན།  འདེམས་ཆང་སྟེར་བའི་ཚེ་བུ་ཇུང་གིས་བུ་མོ་ལ་གསེར་དངུལ་གྱི་གདུབ་བུ། གཡུ། བྱི་རུ་འདི་བ་དང་མགོ་ལ་རྒྱན་ཆ་སོགས་སྟེར་རུ་ལུགས་སྲོལ་ཡང་ཡོད། ཕ་མ་གཉིས་ཀའི་ཕྱོགས་ནས་འདེམས་ཆང་གི་རྩིས་བརྒྱབས་ཟིན་ཟེ་མ་ཕྱོགས་གཉིས་ཀ་ནས་ཀྱོག་པོ་དང་ལོག་པོ་འགྱི་མི་ཆོག་པ་ཡིན། གལ་སྲིད་སྐྱག་ཀྱོག་དང་ལོག་པོ་གྱས་ཟིན་རྒྱལ་ཁྲིམས་ཀྱི་ཆད་པ་བཅད་ཆོག་པ་ཡིན་ནོ། 

ཆང་ཕེ་སྐྱེལ་བ་དང་བག་མ་ལེན་དུ་འགྲོ་བ་གཉིས་ལས། 

དང་པོ་ཆ་བའི་སྐྱེལ་ཟེར་གྱ་བུ་ནི་དུས་ནམ་ཚེ་མནའ་མའི་ཕ་མའི་ཕེ་མར་དང་ཆང་ཡང་ན་ཙམ་པ་ཁྱུར་ནི་ཤོག་ཞེས་པའི་དྲིད་བུ་དྲི་ལན་བྱུང་ངུ་དང་། དུས་ཚེས་གཏན་འབེབས་གྱ་བུ་ཉི་མ་ལ་མག་པའི་ཕྱོགས་ནས་ཆང་ཨ་རག་བཟང་པོ་དང་བཟའ་སྤྲོད་འབྲུ་དི་བ་བསྐྱེལ་ལུ་ལ་མི་གསུམ་བཞི་མནའ་མི་ཁང་པར་གཏོང་དགོས། ད་མ་དེ་སུར་ཁ་སྤོས་ཆང་དགོས།   ཡང་དེ་སུར་དྲི་ཆང་བཞག་ནས་རིམ་གྱི་དྲི་དགོས་པ་ཡིན།  

དཔེ་ཆང། 

བུམ་དང་མག་པའི་གཉེན་གྱི་གཟའ་ཚེས་གཏན་འབེབས་ཐག་བཅད་གྱིད་རུ་ལ་དཔེ་ཅང་ཟེར་རུ་ཡིན། འདི་ཡང་དཔེ་ཆང་ཞུས་བུ་འོད་བུ་བར་མི་གྱིས་མནའ་མའི་ཕ་མར་ཆང་ཨ་རག་བཟང་པོ་སྣོད་བཟང་པོར་བླུགས་ནེ་མར་བརྒྱན་བརྒྱབས་ནས་མདངས་དབྱངས་གཟི་བརྗིད་བཅས་ཞོར་རྒྱས་འབུལ་དགོས།         གཏམ་གྱི་ཞུ་དོན་གཙོ་བོ་འཆང་བཟའི་དུས་ལ་བབས་ཟིན་པའི་རྨད་བྱུང་གཞོན་ནུ་ཕོ་མོ་གཉིས་ཀྱི་བག་མ་གཏོང་ལེན་དངོས་གཞི་འདི་ནམ་ཙོ་གྱས་ཟིན་འགྲིགས་གུའི་བཀའ་མོལ་ཞུ་དགོས། དེ་སུར་མནའ་མའི་ཕ་མའི་ཕྱོགས་ནས་འོ་ལགས་སོ་ཆང་བཟའ་འདིས་ནམ་གྱིས་དགོས་པོ་གཟའ་ཚེས་ཏག་ཏག་ཐག་བཅད་པའི་ཚེ་ད་འཇོམས་ནས་འཐུང་ངུའི་ཆང་ལ་དཔེ་ཆང་ཟེར།      གདོང་ལ་ཐག་བཅད་གྱ་བུའི་ལོ་ཟླ་གཟའ་སྐར་ཚེས་གྲངས་དུས་ཚོད་འདིའི་ཉིན་གཞོན་རྟ་དོ་རྫོ་དང་མི་གྲངས་ཁྱོན་བསྡོམས་དོ་རྫོ་མནའ་ལེན་དུ་ལ་ཕེ་མར་རྩོག་པུ་མང་ཉུང་ཆེ་ཆུང་དོ་རྫོ་དང་ལྷ་དར་གྲངས་ཆེ་ཆུང་གྲངས་མང་ཉུང་དོ་རྫོ་ཞིག་ཆང་དང་ཨ་རག་བཟང་པོ་འདི་ཙམ་ཞིག་འོ་བརྒྱལ་ལ་མ་འཛེམས་པར་ཕེབས་བསུ་ཞུ་ཞེས་གོ་བརྡ་འཕྲོད་བུ་ལབས་དགོས།    

གདན་ཆང་། 

གཉེན་གྱི་གཟའ་སྐར་ཚེས་གྲངས་ཕུན་སུམ་ཚོགས་པའི་ཉི་མ་ཐག་བཅད་ནས་ཟིན་ཟེར་མ་མག་པའི་ཕྱོགས་ཀྱི་གཉེན་ཚན་འགའ་རིགས་ཀྱི་ཁང་པ་ཁང་པ་འགལ་ནེ་གདན་ཆང་དྲངས་དགོས།     དུས་ཚེས་འདིའི་ཉི་མ་ལ་བུ་མིང་འདི་ཟེར་རུས་མནའ་མ་ལེན་དུ་འགྲོ་བར་གཏན་ཁེལ་ལུ་ཡིན་འདི་ཡི་དོན་ལེགས་པར་གྲུབ་པའི་གྲོགས་སུ་གྱེན་མེད་གྱ་ནི་ཕེབས་ནས་གནང་ཟེར་ཆང་ཨ་རག་བསྐྱལ་ནི་ཁྱབ་བསྒྲགས་གྱིས་སྲོལ་འོད་དུ་ཡིན། 

འཁོར་ལོ་བླ་མ། 

བདག་པོ་ཤར་པའི་མི་རིགས་ཀྱིས་ལས་ཀ་ཆེ་ཆུང་གང་གྱ་སེ་རང་ལྷ་དཀོན་མཆོག་ལ་ མཆོད་པ་དགོས་པའི་ཆོས་དྲུག་བསང་གསེར་དང་ཡུལ་ལྷ་གཞི་བདག་གསོལ་མཆོས་ཟིན་སེ་མ་ལས་ཀ་འགོ་འཛུགས་པུ་ཡིན། སྐབས་འདིར་མནའ་མ་ལིན་གུ་འགྲོ་དགོས་བུའི་ཚེ་དྲོབ་ལ་ཆོས་དང་འཇིག་རྟེན་གྱི་འགྲོ་ལུགས་གཉིས་ཀ་ཤེས་བུའི་ཤར་པའི་བླ་མ་ཞིག་ངེས་པར་གདན་དྲངས་ནས་རྒྱས་བསྡུས་སྒྲིག་མཚམས་པའི་ལམ་འགྲོ་བསང་ཤིག་བཏང་ནས་རང་གི་ཆོས་སྐྱོང་རྣམས་ལ་བསྐང་གསོ་དང་ཡུལ་ལྷ་གཞི་བདག་འགའ་རིགས་ལ་མོས་སྤར་ནས་གསེར་སྐྱམས་དང་འབྲེལ་བའི་འདོད་གསོལ་དྲགས་པོ་བགྱིས་དགོས། 

སྲིད་པ་འཁོར་ལོའི་གྲ་སྒྲིག། 

གདན་ཆང་དྲངས་པའི་གཉེན་ཚན་འགའ་རིགས་འཛོམས་ཟིན་ཟེ་མ་མདུང་རྩེ་ལ་དཀར་རྒྱན་གསུམ་དང་དར་དཀར་དམར་མཐིང་གསུམ་ལྷ་མདུང་ངར་མ་ལ་སྲིད་པའི་འཁོར་ལོ་མ་ཉམས་པ་ཁུང་དང་ལྡན་པ་ཞིག་བརྒྱངས་མཐའ་ཆགས་དར་སྣ་ལྔས་ འདྲིལ་བ་དཀར་རྒྱན་གཙང་མས་བརྒྱན་པ་ལ་སིན་དྷུ་ར་ལི་ཁྲི་བསྐུས་དགོས།

སི་ལི་འཆམ། 

བག་མ་གཏོང་ལེན་གྱི་འགོ་མ་ལ་གཞོན་བདག་མི་བཞི་ལག་པ་པ་དྲི་ཁུར་ནི་འཆམ་བུ་དང་། མི་གཅིག་འབུབ་འཆལ་ཁྲོལ་ལུ། གཡག་གི་རྔ་མ་ཁུར་ནེ་འཆབ་བུ། མི་གཉིས་ཀྱིས་གླིང་བུ་གཏོང་གུ་དང་། མེ་མདའི་སྒྲ་ཆེན་པོ་གཏོང་ངུའི་སྲོལ་འོད་དུབ་ཡིན།


མག་པའི་ཆས་ལུགས། 

འགའ་རིགས་གཉེན་ཚང་འགའ་ཚ་ལི་འཛོམས་བུའི་བག་སྟོན་ལ་བཟའ་བཏུང་ངུ་བཟང་པོའི་ཚིམ་ཟིན་སི་མ་གཤོར་བཀྱེ་བཏང་ནས་དཔེ་ཆང་དང་དཔེ་སྟངས་གྱས་ནི་ཚར་བ་དང་མག་པ་ལ་གོས་ཆས་གྱོན་དགོས་པོ་ཡིན།    མག་པའི་ཆས་ལུགས་ནི། གླིང་གེ་སར་རྒྱལ་པོ་དམག་ལ་ཆས་བུ་ལྟ་བུ་ཡིན་དགོས་པུ་ཡིན་ཏེ། གཏིང་ལ་ས་སྐྱའི་བླ་ཐབས་དང་མི་ཐབས་ཀྱི་རྩར་བསླེབ་པ་ནས་བཟུང་རྫེ་བརྩུན་གྲགས་པ་རྒྱལ་མཚན་གྱི་གདུང་བརྒྱུད་མངའ་བདག་ཕྱག་ན་རྡོ་རྗེ་འདི། ཧོར་གོ་དན་རྒྱལ་བུས་ཧོར་ཆས་གྱོན་ནེ་དཔོན་མོ་མེ་དགའ་ལུང་གནང་བའི་དེ་སུར་ས་སྐྱར་གྲོང་པ་ཡིན་དུབ་གྱིས་ས་དེའི་སྲོལ་བཟུང་བའི་བོད་ཀྱི་མི་དི་བིས་བག་མ་གཏོང་ལེན་གྱི་གྱོན་ཆས་ཀྱི་སྲོལ་བུ་ཆས་ནོག། ཧན་ད་བདག་པའི་ཤར་བ་དི་བིས་ཕོ་ཆས་དང་མོ་ཆས་གཉིས་ཀའི་སྲོལ་གཙོ་བོ་དེ་སུར་ཆགས་བུ་ཡིན་དུ་ཧག་གོ་དགོས་སུང་། མག་པའི་ཆས་གོས་ནི། འོག་རྟ་ཕོ་སྒ་ཆས་བཟང་པོ་དང་ལྡན་པ། མགོ་ལ་སོག་ཞྭ་ཏང་སྐུད་ཀྱི་ཚ་ལུ་ཅན་བྱ་རྒོད་འཕུར་བ་དང་འདྲ་ལྟ་བུ། རྐང་པ་ལ་སོག་ལྷམ་ཡུ་རིང་སོ་མ་འོད་མ་ཉམས་པ། ལུས་ལ་ཕྱུ་བ་གསམ་པ་དམར་སེར་གཉིས་བརྩེགས་བུ། ནང་ལ་དར་གྱི་སྟོད་གོས་གསར་པ་དཀར་པོ་དང་དམར་པོ། སྲིན་ལག་ལ་རིན་ཆེན་སོར་གདུབ་ཕྲ་ཅན། སྐེ་དང་གོང་བའི་གསེབ་ཏུ་མདའ་དར་སྣ་ལྔ་བྱ་སྒྲོ་མ་ཉམས་པ་གཟེར་དགོས། དར་དཔྱངས་དཀར་སེར་དམར་གསུམ་གྱིས་གོང་བ་ནས་གཡའ་ཤེམ་གཡས་གཡོན་དུ་ལྷས་པའི་གསེག་གྲམ་གྱ་བུ། ལག་པ་ལ་བུ་མོ་དགུག་པ་དང་བུམ་སྟོང་གི་བར་ཆད་བསལ་བའི་ཆེད་དུ་བུམ་པ་གཙང་མ་ཁུར་ནི་མནའ་མ་ལེན་དུ་རྟེན་འབྲེལ་སྒྲིག་ནི་འགྲོ་དགོས། མག་པའི་ཕྱོགས་ནས་མནའ་མ་ལེན་དུ་འགྲོ་བའི་དོན་ལ་འཛོམས་བུ་གྲས་ན་བཟའ་བཞེས་པའི་ཕོ་མོ་གཞོན་བདག་ན་ཆུང་མ་གོ་རིམ་ལྟར་བསྒྲིགས་ནས་གོང་ལ་སྲིད་པའི་འཁོར་ཁུར་རུའི་བླ་མ། གླུ་མ་ཕོ་མོ།  དེ་སུར་བསིལ་བ་གྲི་ཁུར་ནི་མཆམ་བུ། གཡག་རྔ་ཁུར་ནི་མཆམ་བུ། རོལ་མོ་ཁྲོལ་ལིང་། མེ་མདའ་སྒྲ་དང་བཅས་པ་བུའི་ཁང་པ་ནས་མཐོན་དགོས་པོ་ཡིན ། མནའ་མའི་ཁང་པ་སླེབ་བུ་འགོ་མ་ལ་མེ་མདའི་སྒྲ་སྔོན་ལ་གཏོང་དགོས་ཚུལ། 

མནའ་མའི་ཕྱོགས་ནས་བསུས་འདྲེན། 

མནའ་མའི་སྒོ་ཁར་བསླེབས་པ་དང་མནའ་མའི་ཕྱོགས་ནས་བསུས་ཆང་དང་སྤོས་ཀྱོག་ནང་དུ་མེ་ཏག་ཚར་བུ་ཁར་སྤོས་སྣ་བླུགས་ནས་དྲི་ཞིམ་གྱི་དུ་བ་ཐུ་ལུ་ལུ་དང་བཅས་པ་བསུས་འདྲེན་གྱས་བུ་མག་པའི་ཕྱོགས་ཀྱི་བླ་མས་ཆང་མཆོད་རྒྱས་ཙམ་བཏང་ནས་བསུ་ཆང་དེ་འཐུང་དགོས། འཐུང་ནེ་ཚར་སིན་ཟི་མ་མནའ་མིའི་ཕྱོགས་ཀྱིས་གྲ་བསྒྲིགས་གྱས་བུའི་ཁང་བཞུགས་ལ་བསྡད་དུབ་གདོང་ལ། 

མདའ་དར་ཕྱེ་མར་། 

རྒྱུ་དཔག་བསམ་ཤིང་ལས་གྲུབ་པའི་སྔོན་མཁས་པ་བི་ཤྭ་ཀརྨས་བཟོས་བསྐྲུན་གྱས་བུ་ལ་ཕྱི་ཡི་རྣམ་པ་ཟུར་བཞི་ཡོད་པ་འདི་ཕྱི་དགྲ་བཞི་ཐུལ་ལུ་ཡིན། ནང་ལ་ཁུག་བཞི་ཡོད་པ་འདི་ནང་གི་གཡང་བཞི་ཁུག་པའི་རྟེན་འབྲེལ་ཡིན། འདིའི་ནང་འོད་དུ་ནས་གྲོ་ནི་གདང་གདོང་ལ་བལ་བཟའ་ཁྲི་བཙུན་བོད་ལ་ཕེབས་པའི་ཚེ་སྐུ་སྐྱེལ་བསམ་ཚད་འགྲུབ་པའི་ཞལ་དྲོ་ཡིན།

ཆུ་ལ་བཤད་པ། 

རྫ་ཡི་ཆུ་ནི་ནག་གསེབ་ཆུ་རུལ་ཆུ་མིན་དུབ་གངས་ཆེན་མཛོད་ལྔ་ནས་བབ་པའི་ཆུ་སྣ་ཆུ་མོ་ཡན་ལག་བརྒྱད་ལྡན་ཡིན་པ་མི་རྒྱུད་ཆུ་ལྟར་རིང་བའི་རྟེན་འབྲེན་བཟང་པོ་ཡིན། 

ཤིང་ལ་བཤད་པ། 

སྨན་རིགས་བཞི་བརྒྱ་རྩ་བཞི་འཛོམ་པའི་བཅུད་ཤིང་ཕ་རྒྱུད་མེ་ལྟར་འབར་བའི་རྟེན་འབྲེལ་ཡིན། 

སྒོ་ལ་བཤད་པ། 

ཨོ་སྭསྟི། སྒོ་མོ་བཀྲ་ཤིས་རྒྱན་ཆགས་འདི་ཡར་ཐེམས་གཡུ་ལས་གྲུབ་པ། མར་ཐེམས་གསེར་གྱི་སྒྲུབ་བུ། རུ་བཞི་བཻཌུརྱ་ཡིས་སྒོའི་ནང་རྣམ་སྲས་ནོར་གྱི་བང་མཛོད་ཡོད་པ་ཕུན་ཚོགས་གཡང་ཆགས་འདོད་དགུ་འཛོམས་པའི་ནང་མཛོད་དྲི་མེད་འདིས་ཧ་རིང་སྐལ་བཟང་ཉི་མ་ལ་བཀྲ་ཤིས་བརྒྱ་རྟག་ཏུ་ཕྱེས་གྱུར་ཅིག མནའ་མའི་ཁང་པའི་མཆོད་གཤམས་ནང་དཀོན་མཆོག་སྤྱི་འདུས་ལྟ་བུའི་དཀྱིལ་འཁོར་གྱི་མཆོད་པ་རྒྱས་པ། ཉེར་སྤྱད་བཟང་པོ་བཅས་བཟང་པོ་ཡིད་ཕྲོག་པ་མཛེས་པ་ལེགས་པར་བཤམས། གཡས་གཡོན་གྱི་གདན་ལ་ཕྱོགས་གཉིས་ཀའི་བུ་དང་བུ་མོའི་གཙོ་བོ་དང་གཙོ་མོ་དང་བུམ་མག་པ་བཅས་གདན་ཁྲི་བཤམས་བུ་སྟེང་བཞུགས་དགོས། དེ་ཡང་མནའ་མའི་ཕྱོགས་ཀྱི་གཙོ་བོ་དང་གཙོ་མོ་གཉིས་ཞྭ་གོས་ལྷམ་གསུམ་གཟབ་སྤྲོད་ལད་མོ་གྱས་ནི་གུས་ཞབས་དང་བཅས་ཡོང་དཀྱིལ་འཁོར་ལ་ཕྱག་གསུམ་འཚལ། གྲལ་གྱི་བླ་མ་ལ་ཕྱག་དབང་ཞུས་ཟིན་ནས་གྲལ་གཡས་གཡོན་ལ་གཙོ་བོ་གཙོ་མོ་ནས་རིམ་པར་བཞིན་བཞུགས་དགོས། དེ་བཞིན་བུ་དང་བུ་མོ་གཉིས་མཐུན་རྩིས་ལམ་ནས་རྩིས་གཞུང་ནང་བཤད་པ་བཞིན་བུའི་གདན་འོག་གཡུང་དྲུང་ཕོ་ལ་གཡས་འཁོར་དང་བུ་མོའི་གདན་འོག་འཁོར་ལོ་འབྲས་དཀར་ལེགས་པར་བྲིས་པའི་ཁར་མག་པ་གཡས་དང་མནའ་མ་གཡོན་དུ་འཇོག་དགོས། དེ་སུར་མག་པའི་ཕྱོགས་ནས་ཕེབས་བུ་བག་མི་དི་བ་ཡར་ལངས་གྲ་བསྒྲིགས་གྱས་ནི་ཁུར་ནེ་འོད་བུ་ཕེ་མར་ཙོག་པུ་དང་ཆང་ཁ་གདགས་དི་བ་འཁུར་ནས་མནའ་མའི་ཕ་མ་ལ་རྩིས་འབུལ་དགོས། རྩིས་འབིན་ཟིན་སི་མ་ཕི་ལ་མེ་མདའི་སྒྲ་ཡང་གཏོང་སྲོལ་ནོག་སྒྲ་འདིས་རྩིས་ཚར་ཡིན་ཧག་གོ་དགོས།  སྐབས་དེ་ནས་སུར་མག་པའི་ཕྱོགས་ནས་ཕེབས་བུ་མགྲོན་པོ་དི་བ་ལ་བཟའ་བཏུང་བཟང་པོ་དྲངས་དགོས་པ་ཡིན།  མག་པའི་ཐད་ནས་ཕེབས་བུ་བླ་མ་དེས་གཙོ་བོ་བྱས་ནས་སྐྱབས་འགྲོ་སེམས་བསྐྱེད་ནས་འགོ་བཟུང་སྟེ་བླ་མ་ཡི་དམ་ལྷའི་དཀྱིལ་འཁོར་ཞལ་ཕྱེས་ནས་ཕྱག་དང་མཆོད་པ་དང་བསྟོད་བཟླས་གསོལ་ཁ་བཅས་གྲུབ་ནས་ཚར་བ་དང་བཤགས་པ་དཀྱིལ་འཁོར་གྱི་མདུན་དུ་བུ་དང་མནའ་མའི་ཕྱག་འབུལ་དགོས། 

ཕ་མའི་བཀའ་སློབ་བཟབ་མོ།  བྷག་དར།  

དུས་དོ་ཛོ་རྒྱགས་ལ་ཕྱོགས་གཉིས་ཀའི་མི་འཛོམ་ནས་མག་པའི་ཟླལ་མཛའ་བག་རིས་མ་དང་མནའ་མའི་ཟླལ་མཛའ་བ་རི་མ་དགོས་བུ་ཡིན་འདི་སྐབས་སྙན་པའི་རོལ་མོ་གླིང་བུ་རྒྱ་གླིང་མེ་མདའ་གྲ་བསྒྲིགས་ལད་མོ་གྱ་ནི་མག་པ་དང་མནའ་མ་གཉིས་ཀར་ལ་གདུགས་ཕུབས་མཁན་དགོས། བླ་མས་བུ་དང་མནའ་མའི་དབུ་ལ་དཀར་བརྒྱན་བཀུས་ནས་སྨོན་ལམ་ཚིག་གསུམ་བཏབ་ཚུལ་འོད་དུབ་ཡིན་དེ་དང་ཆབས་ཅིག་མོས་ལ་གཏོང་ཚུལ་ཡང་འདུག 

བག་མར་དར་བཤད་པ། 

ཐམས་ཅད་ཀུན་མཁྱེན་བཙུན་མོ་རིན་ཆེན་གཏེར། བཙུན་མོ་རིན་པོའི་ཆེའི་བཀྲ་ཤིས་ཤོག 

མནའ་མའི་ཕ་དར་འབུལ། མནའ་མ་ལ་དར་འབུལ།